WordPress 5.3 “Kirk”

འདི་ནས་གཟབ་རྒྱས་ངང WordPress 5.3 ཁྲོད་ཀྱི་ལེགས་བཅོས་བཏང་བའི་རྡོག་པོ་རྩོམ་སྒྲིག་ཆས་ཀྱིས་བསྣམ་པའི་ཆེས་མཆོག་ཏུ་གྱུར་བའི་སྤྱོད་མཁན་གྱི་ཉམས་ལེན་ངོ་སྤྲོད་བྱེད་རྒྱུ་ཡིན།

5.3 ཡིས WordPress 5.0 ནས་བཟུང་ཏེ་ནང་འདྲེན་བྱས་པའི་རྡོག་པོ་རྩོམ་སྒྲིག་ཆས་ཀྱི་རྡོག་པོ་སྣ་ཚོགས་ལ་རྒྱ་སྐྱེད་དང་ལེགས་བཅོས་བྱས་ནས་སྔར་ལས་མང་བའི་བྱེད་ནུས་ཁ་སྣོན་དང་བདེ་ལྷོད་ཉར་ལེན་ལ་ལེགས་བཅོས་གཏིང་ཟབ་བྱས་ཡོད། རྡོག་པོ་རྩོམ་སྒྲིག་ཆས་ཀྱི་བྱེད་ནུས་གསར་བར་ཇུས་འགོད་རང་དབང་དང་པར་ངོས་སྡེབ་སྒྲིག་གདམ་ཚན་འཕར་མ་དང་བཟོ་ལྟ་བརྗེ་འགྱུར་མཁོ་འདོན་བྱས་ནས། ཇུས་འགོད་བྱེད་མཁན་གྱིས་ཆ་ཚང་བའི་སྒོ་ནས་དྲ་ཚིགས་ཀྱི་ཕྱི་རྣམ་ལ་སྟངས་འཛིན་བྱེད་ཐུབ་པ་ཡིན། ཐེངས་འདིའི་ཐོན་རིམ་གཙོ་བོའི་གསར་བཅོས་ཁྲོད་དུ་ཉིས་སྟོང་ཉི་ཤུ (Twenty Twenty) ཅེས་པའི་དཔེ་སྒྲོམ་བསྣམ་ཡོད་ལ། དེས་སྤྱོད་མཁན་ལ་ཇུས་འགོད་སྔར་ལས་ཀྱང་ལྡེམ་གཤིས་ལྡན་པ་དང་། རྡོག་པོ་རྩོམ་སྒྲིག་ཆས་ལའང་སྔར་ལས་ལེགས་པའི་འདུས་གྲུབ་ཡོད་པར་བྱས། ད་ལྟ་ནི་བཟོ་དབྱིབས་མཛེས་པའི་དྲ་ངོས་དང་པར་ངོས་ཀྱི་སྡེབ་སྒྲིག་གསར་སྐྲུན་བྱེད་པ་ནི་ཧ་ཅང་སྟབས་བདེའི་ལས་ཤིག་ཏུ་གྲུབ་ཡོད་པ་ཡིན།


རྡོག་པོ་རྩོམ་སྒྲིག་ཆས་ཀྱི་ལེགས་བཅོས།

དེ་ཐེངས་ཀྱི་གསར་བཅོས་འདིའི་གཙོ་གནད་ནི་ནུས་པ་གསར་པ་དང་སྤྱོད་གོ་ཆོད་པའི་རང་བཞིན་གྱི་ལེགས་བཅོས་ཁག 150 ལས་བརྒལ་ཡོད་པ་དེ་རེད། དེའི་ནང་ལེགས་བཅོས་བྱས་པའི་པར་རིས་ཆེན་པོའི་རྒྱབ་སྐྱོར་ཚུད་ཡོད་པ་དང་། རིག་ནུས་ལག་ཐོགས་ཁ་པར་རམ་ཡང་ན་སྤུས་ཚད་མཐོ་བའི་པར་ཆས་གཞན་དག་ནས་པར་བླངས་པའི་བཟང་སྒྲིག་བྱས་མེད་པའི་དབྱེ་འབྱེད་ཚད་མཐོའི་པར་རིས་ལ་རམ་འདེགས། དེ་བས་ཆེ་བའི་ཁས་ལེན་པར་རིས་ཀྱི་ཆེ་ཆུང་དང་ཟུང་འབྲེལ་བྱས་ཏེ་པར་རིས་ལ་ཐོག་མཐའ་བར་གསུམ་དུ་རྣམ་པ་ཡག་ཤོས་མངོན་གྱི་ཡོད།

བདེ་ལྷོད་ཉར་ལེན་ལེགས་བཅོས་ཁྲོད་དུ་དོ་དམ་ལྟག་རྒྱབ་ནང་གི་རྡོག་པོ་རྩོམ་སྒྲིག་ཆས་ཀྱི་བཟོ་ལྟ་འདུས་གྲུབ་ཐེ་བ་ཡིན། ལེགས་བཅོས་བྱས་པའི་བཟོ་ལྟ་འདི་དག་གིས་བདེ་ལྷོད་ཉར་ལེན་གྱི་གནད་དོན་མང་པོ་ཐག་གཅོད་བྱས་ཡོད་དེ། དཔེར་ན་རེའུ་མིག་ཡིག་དུམ་དང་མཐེབ་གཅུས་སྟེང་གི་ཁ་དོག་བསྡུར་ཚད། རྩོམ་སྒྲིག་ཆས་དང་དོ་དམ་ལྟག་རྒྱབ་འཆར་ངོས་ཀྱི་ཕྱི་རྣམ་གཅིག་གྱུར་རང་བཞིན། གསར་རྐྱང་ཡིན་པའི་ངོས་ཞབས་བརྡ་སྦྱོར་ཚང་། ཚད་ལྡན་གྱི་སོར་བཞག WordPress ཁ་དོག་ཚོས་སྡེབ་ཇུས་གཞི་དང་། རྡོག་པོ་སྤོ་བསྣུར་བྱེད་དུས་སུ་སྔར་བས་ཀྱང་ལྷོད་ཤ་དོད་པོ་བཅས་ཡིན་པ་ལྟ་བུ། མཐེབ་གཞོང་བཀོལ་སྤྱོད་སྟངས་འཛིན་སྟེགས་བུ་སྤྱོད་མཁན་ལ་མཚོན་ན། རྡོག་པོ་རྩོམ་སྒྲིག་ཆས་ཀྱིས་ད་ལྟ Tab མཐེབ་མ་སྤྱད་ཀྱང་རྡོག་པོ་གཅིག་ནས་རྡོག་པོ་གཞན་ཞིག་ལ་བསྐྱོད་དེ་རྡོག་པོ་སོ་སོའི་སྟངས་འཛིན་ཚང་གི་ཕྱོགས་སྟོན་དཔེ་རྣམ་ལ་ལྟ་ཞིབ་བྱེད་ཐུབ་ཀྱི་ཡོད།


ཇུས་འགོད་ཀྱི་སྟབས་བསྟུན་རང་བཞིན་རྒྱ་སྐྱེད་པ།

WordPress 5.3 ནང་དུ་དེ་བས་མང་བའི་ཧ་ལས་དགོས་པའི་ཇུས་འགོད་གསར་སྐྲུན་གྱི་ལག་ཆ་ཁ་སྣོན་བྱས་ཡོད།

  • ཚན་པ་རྡོག་པོ་གསར་བས་ཁྱེད་རང་ལ་ལས་སླ་པོའི་སྒོ་ནས་ཤོག་ངོས་དེ་ཚོན་ལྡན་ཚན་པར་དབྱེ་རུ་འཇུག་ཐུབ།
  • སྟར་གྱི་རྡོག་པོ་གསར་བས་སྟར་གྱི་ཞེང་ཚད་གཏན་འཇགས་ལ་རམ་འདེགས་བྱེད་པ།
  • སྔོན་བཀོད་གསར་བའི་བཀོད་པས་མཐོ་རིམ་ཇུས་འགོད་ཁྲོད་དུ་བག་ཕེབས་ངང་ནང་དོན་བཀོད་སྒྲིག་བྱེད་ཐུབ་པ།
  • ཁ་བྱང་རྡོག་པོར་ད་ལྟ་ཡིག་རྐྱང་ཁ་དོག་གི་སྟངས་འཛིན་མཁོ་འདོན་བྱེད་པ་ཡིན།
  • བཟོ་ལྟ་འཕར་མའི་གདམ་ཚན་དེས་རྩོམ་པ་པོས་རྩོམ་འབྲི་སྐབས་ཐོག་མའི་བཟོ་ལྟ་དེས་བྱེད་ནུས་དེའི་རྡོག་པོ་གང་རུང་ལ་རམ་འདེགས་བྱེད་པ་ཡིན།

ཉིས་སྟོང་ཉི་ཤུ (Twenty Twenty) ངོ་སྤྲོད།

རྡོག་པོ་རྩོམ་སྒྲིག་ཆས་ཀྱིས་རང་གི་ལོ་གཅིག་གི་སྐྱེས་སྐར་ལོན་པར་རྟེན་འབྲེལ་ཞུ་བ་དང་ཆབས་ཅིག་ང་ཚོས་ཉིས་སྟོང་ཉི་ཤུ (Twenty Twenty) ནི་ཇུས་འགོད་སྟབས་བསྟུན་རང་བཞིན་གྱིས་སྲོག་ཤིང་བྱས་པར་དགའ་སྤོབས་སྐྱེ་བཞིན་ཡོད། སྟར་དང་ཚན་པ། ད་དུང་སྨྱན་གཟུགས་རྡོག་པོའི་མཉམ་སྡེབ་བརྒྱུད་ནས་ཁྱོད་ཀྱི་ཞབས་ཞུ་དང་ཐོན་རྫས་འགྲེམ་སྟོན་བྱེད་པ་དང་། ཁྱོད་ཀྱི་ནང་དོན་དེ་ཁྱབ་ཁོངས་ཆེ་བ་དང་ཡང་ན་ཡོངས་སུ་སྙོམས་པ། འགུལ་རྣམ་དང་མི་རྣམས་ཀྱི་ཡིད་དབང་འགུག་པའི་བཀོད་པ། ཡང་ན་ཁྱོད་ཀྱི་བསམ་ཚུལ་དེ་མངོན་གསལ་དོད་པོ་བཟོ་བ་ཡིན།

མིང་ལ་ཉིས་སྟོང་ཉི་ཤུ (Twenty Twenty) ཟེར་བའི་དཔེ་སྒྲོམ་འདིིའི་གསལ་ཚད་དང་ཀློག་ཐུབ་པའི་རང་བཞིན་ཡང་གཙོ་གནད་ཅིག་ཡིན། དཔེ་སྒྲོམ་འདིར Rasmus Andersson ཡིས་ཇུས་འགོད་བྱས་པའི Inter ཡིག་གཟུགས་འདུས་ཡོད། Inter ཡིས་འགྱུར་རུང་བའི་ཡིག་གཟུགས་ཀྱི་ཐོན་རིམ་མཁོ་འདོན་བྱེད་ལ། འདི་ནི་སོར་བཞག་དཔེ་སྒྲོམ་གྱི་ཐོན་རིམ་དང་པོ་དེ་ཡིན། དེས་ཡིག་གཟུགས་ཡིག་ཆ་གཉིས་ཀྱི Inter འདུས་ཡོད་པའི་སྦོམ་ཕྲ་དང་བཟོ་ལྟ་ཡོད་ཚད་ལ་བརྟེན་ནས་ཁུར་སྣོན་བྱེད་པའི་དུས་ཚོད་ཇེ་ཐུང་དུ་གཏོང་བ་ཡིན།


མི་རེ་རེའི་ཐད་ཀྱི་ལེགས་བཅོས།

རང་འགུལ་གྱིས་བརྙན་རིས་འཁོར་བ།

སྐྱེལ་འཇོག་བྱས་རྗེས་བཙུད་འཇུག་གི་ཁ་ཕྱོགས་གཞི་གྲངས་ལྟར་བརྙན་རིས་ཡང་དག་པའི་སྒོ་ནས་འཁོར་བ། བྱེད་ནུས་འདི་ནི་ཐོག་མར་ལོ་ངོ་དགུའི་ཡར་སྔོན་དུ་བཏོན་པ་དང་། བྱས་རྗེས་འཇོག་མཁན་མང་པོའི་རམ་འདེགས་འོག་ཏུ་ད་གཟོད་བྱེད་ནུས་འདི་མངོན་འགྱུར་ཐུབ་པ་བྱུང་བ་ཡིན།

དྲ་ཚིགས་ཀྱི་བདེ་ཐང་ཞིབ་བཤེར།

ཐོན་རིམ 5.3 ཁྲོད་དུ་ནང་འདྲེན་བྱས་པའི་ལེགས་བཅོས་ཀྱིས་དྲ་ཚིགས་ཀྱི་གནད་དོན་རྙེད་རྒྱུ་སྔར་ལས་ཀྱང་སླ་མོར་གྱུར་ཡོད། དྲ་ཚིགས་ཀྱི་བདེ་ཐང་ཅེས་པའི་བརྙན་ཡོལ་ཁྲོད་ཀྱི་ཞིབ་ཕྲའི་གྲོས་གཞིས་དྲ་ཚིགས་སྟེང་དུ་དཀའ་གནད་སེལ་དགོས་པའི་རྣམ་གྲངས་གསལ་བར་སྟོན་ཐུབ།

དོ་དམ་པའི་གློག་ཡིག་བདེན་དཔང་ར་སྤྲོད།

ཐོན་རིམ་འདི་ནས་བཟུང་ཏེ། དྲ་ཚིགས་དོ་དམ་པ་ཐོ་འཇུག་བྱེད་དུས་སུ་དུས་བཀག་ལྟར་དྲ་ཚིགས་དོ་དམ་པའི་གློག་ཡིག་ས་གནས་ཡང་དག་ཡིན་མིན་ངོས་འཛིན་བྱེད་པའི་རེ་བ་འདོན་པ་ཡིན། གལ་ཏེ་དྲ་ཚིགས་དོ་དམ་པས་གློག་ཡིག་ས་གནས་བརྗེ་འགྱུར་བྱས་པ་ཡིན་ན། དྲ་ཚིགས་ཕྱི་རོལ་ལས་ཐོན་པའི་ཉེན་ཁ་ཇེ་ཉུང་དུ་གཏོང་བ་ཡིན།


གསར་འབྱེད་མི་སྣའི་ཐད།

ཟླ་ཚེས་དང་དུས་ཚོད་སྒྲིག་ལྷུ་ཞིག་གསོ།

གསར་འབྱེད་པས་ད་ལྟ་སྔར་བས་ཀྱང་ཡིད་རྟོན་རུང་བའི་རྣམ་པས་ ཟླ་ཚེས་དང་དུས་ཁུལ་ རྟེན་འབྱུང་གྲངས་བཀོལ་སྤྱོད་བྱེད་ཆོག་པ་ཡིན། ཟླ་ཚེས་དང་དུས་ཁུལ་གྱི་བྱེད་ནུས་ལ་གཅིག་གྱུར་དུས་ཁུལ་འཚོལ་ཞིབ་དང PHP ཕན་ཚུན་བརྗེ་རེས་ཀྱི་རང་བཞིན་ལ་སྤྱོད་པའི API རྟེན་འབྱུང་གྲངས་གསར་བ་མང་པོ་དང་། ནོར་འཁྲུལ་མང་པོ་ཞིག་གསོ་བྱེད་པའི་བྱ་རིམ་འབྱོར་ཡོད།

PHP 7.4 འཆམ་མཐུན།

WordPress 5.3 ཡི་དམིགས་འབེན་ནི་ཆ་ཚང་བའི་སྒོ་ནས PHP 7.4 ལ་རམ་འདེགས་བྱེད་རྒྱུ་དེ་ཡིན། ཐེངས་འདིའི་འགྲེམ་སྤེལ་ཐོན་རིམ་ཁྲོད་དུ་ གསར་བཅོས་དུ་མ་ འདུས་ཡོད་ལ། སྤྱད་ན་མི་ལེགས་པའི་བྱེད་ནུས་སྤོ་འབུད་ཀྱིས་འཆམ་མཐུན་རང་བཞིན་ལ་ཁག་ཐེག་བྱེད་པ་ཡིན། གསར་འབྱེད་ཚན་ཁག་གི་རེ་བ་ནི་སྤྱོད་མཁན་ཡོངས་ཀྱིས WordPress ལ་ཐོན་རིམ་གསར་ཤོས་དང་ལེགས་ཤོས་ཀྱི PHP ཁོར་ཡུག་ལག་བསྟར་བྱེད་པ་དེ་ཡིན།

WordPress 5.2 “Jaco” པར་འགྲེམས་བྱས་པ།

ཁྱེད་ཀྱི་དྲ་ཚིགས་བདེ་འཇགས་སྲུང་འཛིན།

WordPress 5.2 ཡིས་ཁྱེད་ལ་དེ་བས་ཀྱང་སྟོབས་དང་ལྡན་པའི་ལག་ཆ་འདོན་སྤྲོད་བྱས་ཏེ་སྡེབ་སྒྲིག་གནད་དོན་དང་ནོར་འཁྲུལ་ཚབས་ཆེན་ངོས་འཛིན་དང་ཞིག་གསོ་བྱེད་པར་སྤྱོད་པ་ཡིན། ཁྱེད་ནི་ཚོང་འགྲུལ་པར་རོགས་རམ་བྱེད་པའི་གསར་སྤེལ་མི་སྣ་ཡིན་པའམ་ཡང་ན་ཁྱེད་རང་གིས་དྲ་ཚིགས་དོ་དམ་བྱེད་པ་གང་ཡིན་ནའང་འདྲ་། ཡོ་བྱད་འདི་དག་གིས་ཁྱེད་རང་ལ་མཁོ་བའི་སྐབས་སུ་ཡང་དག་པའི་ཆ་འཕྲིན་ཐོབ་པར་རོགས་རམ་བྱེད་ཐུབ།

མུ་མཐུད་དུ་ཀློག “WordPress 5.2 “Jaco” པར་འགྲེམས་བྱས་པ།”

WordPress 5.1 “Betty” པར་འགྲེམས་བྱས་པ།

རྟག་ཏུ་བཀྲ་ཤིས་པར་གྱུར།

WordPress 5.0 ཡི་རྗེས་མཐུད་དེ་—རྡོག་རྩོམ་སྒྲིག་ཆས་དྲངས་པའི་ཐོན་རིམ་གཙོ་བོ།—5.1ཡིས་ཡག་ཐོག་ཡག་བརྩེགས་ལ་འབད་ཅིང་། ཁྱད་པར་དུ་རྩོམ་སྒྲིག་ཆས་ཀྱི་རྩ་བའི་གཤིས་ནུས་ལེགས་བཅོས་བཏང་པ་ལ་བརྟེན་ནས་སྔར་བས་མགྱོགས་ཤིང་སྔར་བས་བདེ་འཇགས་ཡིན་པའི་ WordPress ལ་འགྲོ་ལམ་བཏོད་དེ་དྲ་ཚིགས་དོ་དམ་པ་དང་གསར་འབྱེད་པར་དགོས་ངེས་ཀྱི་ལག་ཆ་མཁོ་སྤྲོད་བྱས་ཡོད་པ་ཡིན།

མུ་མཐུད་དུ་ཀློག “WordPress 5.1 “Betty” པར་འགྲེམས་བྱས་པ།”

WordPress 5.0“Bebo” དངོས་སུ་པར་འགྲེམས་བྱས།

ཐོན་རིམ་གསར་བ་འདིའི་ནང་དུ་ང་ཚོས་རྩོམ་སྒྲིག་ཆས་ལ་བཟོ་བཅོས་གལ་ཆེན་འགའ་བྱས་ཡོད། ང་ཚོའི་རྡོག་ལ་བརྟེན་ནས་བཟོས་པའི་རྩོམ་སྒྲིག་ཆས་གསར་པ་ནི་མི་རྣམས་སྤྲོ་སེམས་ཆེན་པོས་འབྱུང་འགྱུར་ལ་ཕྱོགས་པའི་གོམ་པ་དང་པོ་ཡིན་ལ། ཁྱེད་ཀྱི་དྲ་ཚིགས་ཐོག་ལ་སྟབས་བདེའི་རྩོམ་སྒྲིག་གི་ཉམས་ལེན་མཁོ་འདོན་བྱེད་གི་ཡིན། ཁྱེད་ཀྱིས་ཐོག་དང་པོར་དྲ་ཚིགས་འཛུགས་པ་དང་པོད་ཁུག་ལ་བཟོ་བཅོས་བྱེད་པ། ཡང་ན་ཚབ་ཨང་འབྲི་བ་སོགས་ཡིན་ནའང་འདྲ། ཁྱེད་རང་གིས་གང་ལ་ཅི་འོས་ཀྱི་སྒོ་ནས་ནང་དོན་འཆར་དུ་འཇུག་ཆོག

མུ་མཐུད་དུ་ཀློག “WordPress 5.0“Bebo” དངོས་སུ་པར་འགྲེམས་བྱས།”

WordPress 4.9.4 སྲུང་སྐྱོང་པར་གཞི་འགྲེམས་སྤེལ་བྱས་པ།

WordPress 4.9.4 ད་ལྟ་འགྲེམས་སྤེལ་བྱས་ཟིན།

དེ་སྔར། དུས་ཚོད་ཀྱི་ཁོམ་ལོངས་མ་བྱུང་བ་དང་བྱ་བ་ག་གེ་མོའི་དབང་གིས། བོད་ཡིག་གི WordPress བྱ་རིམ་དེ་ཐོན་རིམ 4.7.2 ནས་ལུས་པ་དང་། དུས་ཚོད་ཡུན་རིང་ཞིག་ལ་ཡིག་བསྒྱུར་གསར་བཅོས་བྱེད་མ་ཐུབ་པ་རེད།

ད་ལྟ་བོད་འགྱུར་ཚོགས་པར་མི་སྣ་ཁ་ཤས་གསར་ཏུ་ཞུགས་པ་དང་བསྟུན་ནས་ཡིག་སྒྱུར་གྱི་བྱ་བར་ཤུགས་སྣོན་བྱས་ཏེ། WordPress 4.9.x ཐོན་རིམ་དེ་ཡོངས་རྫོགས་བོད་ཡིག་ཏུ་བསྒྱུར་ཚར་ཡོད་པ་དང་། དངོས་སུ་ཕབ་ལེན་བྱེད་རྒྱུ་ཡོད།

འདིར་བསྣུན་ནས WordPress 4.9.4 ཕབ་ལེན་བྱེད་པ་དང་ཡང་ན། རང་གི་དྲ་ཚིགས་ལྟག་རྒྱབ་ཀྱི་ཡོ་ཆས་སྟེགས་བུར་བསྐྱོད་ནས་ཐད་ཀར་གསར་བཅོས་བྱེད་ཆོག་གི་ཡོད།

WordPress དང་འབྲེལ་དྲི་བ་གང་ཡོད་གཤམ་དུ་འགོད་རོགས།

1…(WordPress) མཉེན་ཆས་ངོ་སྤྲོད།

(WordPress) མཉེན་ཆས་ནི་དྲ་ཚིགས་ཀྱི་རྣམ་པ་ཅན་གྱི་མཉེན་ཆས་ཤིག་ཡིན་ལ། མཉེན་ཆས་འདི་བེད་སྤྱོད་ཀྱིས་ཧ་ཅང་སྟབས་བདེའི་ངང་དྲ་ཚིགས་གསར་བཟོ་དང་འཛིན་སྐྱོང་བྱེད་ཐུབ།

དེ་བཞིན་མཉེན་ཆས་འདིར་ཁྱད་ཆོས་གཙོ་བོ་འགའ་ཡོད་པ་གཤམ་གསལ་ལྟར་ཡིན།
ཀ… (free) རིན་མེད་ཡིན་པས་བཀོལ་སྤྱོད་པར་རང་དབང་ལྡན་པ་སྟེ། ཐོན་རིམ་གསར་པ་ནམ་ཐོན་ལ་རིན་མེད་ཐོག་ཕབ་ལེན་བྱས་ནས་སྤྱོད་ཆོག་ཆོག་ཡིན།
ཁ…(Open Source) འབྱུང་ཁུངས་ཁ་འབྱེད་ཡིིན་པས་སྒེར་གྱི་དགོས་མཁོ་ལ་བསྟུན་པའི་བཟོ་བཅོས་བྱེད་ པའི་ཐོབ་ཐང་ཡོད་པས་བྱེད་ནུས་ཧ་ཅང་ཆེན་པོ་ཡོད།
ག… རིན་མེད་མཐུད་སྣེ་དང་། ( Plugin ) དཔེ་སྒྲོམ། ( Theme ) སྟོང་ཕྲག་བརྒལ་བ་ཡོད་པས་དྲ་ཚིགས་ཇུས་འགོད་དང་འཛིན་སྐྱོང་ལ་ཉམས་མྱོང་མེད་ མཁན་དག་གིས་ཀྱང་བཀོལ་ཐུབ།
ང… བཀོལ་སྤྱོད་པ་ས་ཡ་མང་པོ་ཡོད་པས་ཁྱབ་རྒྱ་ཆེ་ཞིང་། མཉམ་སྤྱོད་དང་བགྲོ་གླེང་བྱེད་བདེ་བ་སོགས་ཀྱི་ཁྱད་ཆོས་ཡོད། མུ་མཐུད་དུ་ཀློག “WordPress དང་འབྲེལ་དྲི་བ་གང་ཡོད་གཤམ་དུ་འགོད་རོགས།”