སྟོང་ཆུང་སྟོན་པ་ངང་ལག་གི་སྤྲུལ་སྐུ་གཉའ་ཚུལ་ཁྲིམས་ཉི་མ་མཆོག་ཞིང་དུ་གཤེགས་པའི་གནས་འཕྲིན།

སྡོམ་གསུམ་ཚུ༵ལ་ཁྲིམ༵ས་གསེར་གྱི་ལྷུན་པོའི་དཔལ༎བློ༵་གྲོ༵ས་བསམ་གཏན་རྒྱ་མཚོའི་འཇིངས་ལས་འཁྲུངས༎ཤེས་ར༵བ་ཟབ་གས༵ལ་མྱུར་བའི་འོད་སྣང་འབར༎སྨྲ་བའི་ཉི༵་མ༵་མཆོག་ལ་གསོལ་བ་འདེབས༎— བོན་བརྒྱ་རིན་པོ་ཆེས་གསུངས། སྟོང་ཆུང་སྟོན་པ་ངང་ལག་གི་ཐུགས་སྤྲུལ་གཉའ་ཚུལ་ཁྲིམས་ཉི་མ་རིན་པོ་ཆེ་ཁོང་ནི་ཨ་མདོ་བཱ་ཡན་དུ་ཕྱི་ལོ་ལྕགས་ཕོ་འབྲུག༼ ༡༩༤༠༽ ལོར་སྐུ་ཡི་མཚན་དཔེ་ལེགས་པར་བཞད། སྐྱང་སྤྲུལ་ལ… དེ་ལས་མང་།སྟོང་ཆུང་སྟོན་པ་ངང་ལག་གི་སྤྲུལ་སྐུ་གཉའ་ཚུལ་ཁྲིམས་ཉི་མ་མཆོག་ཞིང་དུ་གཤེགས་པའི་གནས་འཕྲིན།

རེབ་གོང་བོན་མང་གི་བཅུ་བའི་སྒྲུབ་མཆོད་ཆེན་མོ།

༄༅། །སྤྱི་ལོ༢༠༢༠ལོའི་རེབ་གོང་བོན་མང་ཕུར་ཐོགས་སྟོང་དང་དགུ་བརྒྱའི་བཅུ་བའི་སྒྲུབ་མཆོད་དམ་སྟོན་ཆོས་ཆེན་མོ་ནི་ཧོར་ཟླ་བཅུ་བའི་ཚེས་བརྒྱད་ནས་བཅུ་གཅིག་བར་ཧོར་སྙན་བཟང་ཁྱུང་བོ་ལ་ཁའི་གསས་ཁང་ཁྱུང་དཀར་བསྟན་པ་རྒྱ་མཚོའི་གླིང་དུ་འཚོགས་ཤིང་། ཉིན་དང་པོར་རྔ་གཤང་དུང་གླིང་གི་སྒྲ་སྙན་རོལ་མོ་སྣ་ཚོགས་ཀྱིས་གསང་སྔགས་རིག་པ་འཛིན་པའི་སྒྲུབ་གཤེན་པ་རེ་རེ་གདན་འདྲེན་བསུ་བ་དང་བཅས་ཡར… དེ་ལས་མང་།རེབ་གོང་བོན་མང་གི་བཅུ་བའི་སྒྲུབ་མཆོད་ཆེན་མོ།

བོད་ཀྱི་ཡིག་ཚང་ཁྲོད་དུ་བཀའ་བསྟན་འགྱུར་ཞེས་པའི་ཐ་སྙད་དེ་བན་བོན་གང་གི་ལུགས་ཡིན་མིན་དཔྱད་པ།

རྩོམ་པ་པོ། ཏཱ་དབེན་ཤེར་དབང་། རྩོམ་ཁུངས། རེབ་གོང་བོན་མང་དྲ་བ། བོད་ཀྱི་ཡིག་ཐོག་དཔེ་ཆ་རྣམས་དུས་ཚོད་ནམ་ཞིག་བྱུང་མིན་ཐད་བཤད་སྟངས་སྣ་ཚོགས་བྱུང་ཡོད་ལ་གནས་སྐབས་ངེས་ཐག་ཆོད་པ་ཞིག་བཤད་ཐབས་བྲལ། རྒྱུ་མཚན་ནི་བོད་རང་སའི་རིག་གནས་གཙོ་བོར་སྨྲ་མཁན་བོན་གྱི་རྗེས་འཇུག་པ་རྣམས་ཀྱིས་སྟོན་པ་གཤེན་རབ་མི་བོ་ཆེ་དང་ཡང་ན་དེ་ལས་སྔ་བའི་དུས་ནས་བོད་ལ་ཡི་གེ་ཡོད་པར་སྨྲ་ཞིང་། སྟོན་པ་གཤེ… དེ་ལས་མང་།བོད་ཀྱི་ཡིག་ཚང་ཁྲོད་དུ་བཀའ་བསྟན་འགྱུར་ཞེས་པའི་ཐ་སྙད་དེ་བན་བོན་གང་གི་ལུགས་ཡིན་མིན་དཔྱད་པ།

བོན།

རྩོམ་པ་པོ། འཕན་འོ་མཚོ། རྩོམ་ཁུངས། རེབ་གོང་བོན་མང་དྲ་ཚིགས། བོན་ནི་ཡེ་སྲིད་འཕྲོ་འདུའི་རྨུ་ཐག་ཡིན།།བོན་ནི་ལྷ་བབ་ཐིམ་བུ་རྨུ་སྐས་ཡིན།།བོན་ནི་རྒྱུངས་ཡར་གསས་ཀྱི་དམུ་ཡད་ཡིན།།བོན་ནི་མགོན་བཙུན་ཕྱྭ་ཡི་དར་འཕྲུ་ཡིན།།བོན་ནི་གཏོ་སྒྲོམ་མཛོད་ཀྱི་ཡང་ཞུན་ཡིན།།བོན་ནི་དམུ་རྒྱལ་གཤེན་པོའི་པེའུ་ཙེ་ཡིན།། བོན་ནི་ཁྱུང་རུ་དབལ་སོའི་གཙུག་ནོར་ཡིན།།བོན་ནི་གསས་མདའ་དུང་གི་ཡུག་མོ་ཡི… དེ་ལས་མང་།བོན།

ཀུན་མཁྱེན་བླ་མ་དྲན་པའི་མགུར་དབྱངས།

རྩོམ་པ་པོ། སྐྱང་སྤྲུལ་ནམ་མཁའ་བསྟན་འཛིན། རྩོམ་ཁུངས། རེབ་གོང་བོན་མང་དྲ་ཚིགས། གནས་དག་པ་མཁའ་སྤྱོད་ཞིང་ཁམས་སུ།།ཕ་གྲུབ་བརྒྱའི་གཙུག་རྒྱན་བླ་མ་བཞུགས།།སྐུ་མི་འགྱུར་མཚན་དཔེའི་གཟི་མདངས་རྒྱས།།གསུང་མི་འགག་དབྱངས་མགུར་ད་ལ་ལ།།ཐུགས་འཁྲུལ་མེད་ཡེ་ཤེས་ཉི་འོད་གསལ།།བུ་བདག་ལ་མཁྱེན་དགོངས་བརྩེ་བས་གཟིགས།།ཁྱེད་དྲན་པའི་གདུང་བ་སྙིང་ནས་ཕྱུངས།།དབྱིངས་དག་པ་ནམ་མཁའི་ཀློང་ཡངས་ནས།།ཐུ… དེ་ལས་མང་།ཀུན་མཁྱེན་བླ་མ་དྲན་པའི་མགུར་དབྱངས།

བོན་གཞུང་ཁྲོད་དུ་རྡོར་དྲིལ་འཚོལ་བ།

རྩོམ་པ་པོ། རཏྣ་དྲུང་མུ། རྩོམ་ཁུངས། རེབ་གོང་བོན་མང་དྲ་ཚིགས། རྡོ་དྲིལ་ནི་གཡུང་དྲུང་བོན་གྱི་གསང་སྔགས་རྫས་ཀྱི་ཕྱག་ཆ་ཡིན་པ་སངས་རྒྱས་གཤེན་རབ་མི་བོའི་བཀའ་གཞུང་ལས་གསལ་ཁ་ཆེ་ཚུལ། བརྡ་ཆད་གཙོ་བོ།         རྡོ་རྗེ།   དྲིལ་བུ། ད་སྐབས་སུ་བོན་ཆོས་རྗེས་འཛིན་ཐོས་ཆུང་འགའ་རེའི་སྣང་ཚུལ་ནི་རང་ལྟར་ཆགས་ཤིང་གཞན་ལྟར་སྡང་ཆེ་དྲགས་པས་བོན་ཆོས་ཀྱི་ལྟ་སྤྱོ… དེ་ལས་མང་།བོན་གཞུང་ཁྲོད་དུ་རྡོར་དྲིལ་འཚོལ་བ།

ལྷག་བསམ་རླབས་ཀྱིས་འཕྱོ་བའི་མཛད་བཟང་མུ་ཏིག་ཕྲེང་བ།

གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་བཞི་བའི་སྟེང་གི་གཏམ་བཤད། ཚོགས་གཙོ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ།ས་གནས། མཚོ་སྔོན་ཞིང་ཆེན་གསེར་ཆེན་རྫོང་དུང་དཀར་དགོན་པ།དུས་ཚོད། ༢༠༢༠ལོའི་ཟླ༩ཚེས་༨ཉིན། བཀུར་བར་འོས་པའི་མཚན་འཛིན་ཚོགས་གཙོ་དང་། ཚོགས་གཙོ་སྐུ་གཞོན། བློ་འདྲི་མི་སྣ། དྲུང་ཡིག་རྒན་གཞོན། རྒྱུན་ལས་ལས་འཛིན་རྣམ་པ། འདི་ན… དེ་ལས་མང་།ལྷག་བསམ་རླབས་ཀྱིས་འཕྱོ་བའི་མཛད་བཟང་མུ་ཏིག་ཕྲེང་བ།

རྒྱ་འོབས་མཆོག་སྤྲུལ་གཙུག་ཕུད་རྒྱལ་མཚན་གྱི་མཛད་རྣམ་མོས་ལྡན་ཐར་བར་བཞུད་པའི་ལམ་བཟང་།

རྩོམ་པ་པོ། དབྲ་དཀར་གཞན་ཕན་ཤེས་་རབ། རྩོམ་ཁུངས། རེབ་གོང་བོན་མང་དྲ་ཚིགས། གདོད་ནས་མངོན་པར་བྱང་ཆུབ་ཀྱང་།།སླར་ཡང་འགྲོ་དོན་སྐུར་བཞེངས་ཏེ།།གདུལ་བྱ་ཐར་ལམ་བཀྲི་མཛད་པ།།སྟོན་མཆོག་དམུ་རྒྱལ་སྲས་ལ་འདུད།། ཤེས༵་བྱའི་གནས་ཀུན་མ་ལུས་ཐུགས་སུ་ཆུད།།རབ༵་འབྱམས་ཞིང་འདིར་རྒྱལ་བསྟན་སྤེལ་མཛད་པའི།།རྒྱལ༵་བ་གཉིས་པ་རྗེ་བཙུན་སྨན་རི་བ།།མཚ༵ན་ལྡན་བླ་མ་བྱང་ཆུབ་བར་དུ་བསྙེན།། ཐུགས་བསྐྱེད… དེ་ལས་མང་།རྒྱ་འོབས་མཆོག་སྤྲུལ་གཙུག་ཕུད་རྒྱལ་མཚན་གྱི་མཛད་རྣམ་མོས་ལྡན་ཐར་བར་བཞུད་པའི་ལམ་བཟང་།

༄༅།། མཆོད་པའི་ཨུ་དུམ་ཝ་ར་རྒྱན་དུ་འབར།།

དགེ་ལེགས་ཉི་མ་འབུམ་གྱི་འོད་སྣང་དང་།།ལྷུན་གྲུབ་རིག་པའི་རྒྱ་མཚོ་རྒྱས་པའི་དཔལ།།གདུལ་བྱའི་ས་གསུམ་མཛེས་བྱེད་ཆར་ལྡན་མ།།བཞི་རྫོགས་བཀའ་དྲིན་ཅན་ལ་ཕྱག་འཚལ་ལོ།།སྐུ་བརྙན་རྒྱལ་ཀུན་འདུས་པའི་རང་བཞིན་ལ།།གསུང་དབྱངས་ཡན་ལག་དྲུག་ཅུའི་དབྱངས་ལྡན་པས། ཐུགས་བཀོད་ལྷ་ཡི་དཀྱིལ་འཁོར་རྫོགས་པ་འདི།།འཛམ་གླིང་མཛེས་པའི་རྒྱན་དུ་མི་འགྱུར་རམ།།བསོད་ནམས་སྟོན་གྱི་འབྲས་བུ་ཡོངས་སྨིན་ཞིང་།།ཚ… དེ་ལས་མང་།༄༅།། མཆོད་པའི་ཨུ་དུམ་ཝ་ར་རྒྱན་དུ་འབར།།

གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་བཞི་བ་དང་དུང་དཀར་དགོན་ཕྱག་བཏབ་ནས་མི་ལོ༡༡༣ལོན་པའི་མཛད་སྒོ་གཉིས་ལྷན་དུ་འཚོགས་པ།

ཉིན་དང་པོ། སྨིན་གྲོལ་དུང་དཀར་དགོན་ཕྱག་བཏབ་ནས་མི་ལོ༡༡༣ལོན་པའི་མཛད་སྒོ་དང་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་ཚོགས་འདུ། གཡུང་དྲུང་་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་མི་རྣམས་ཟླ་འདིའི་ཚེས༧ཉིན་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་གི་ལུང་ཧྭའོ་མགྲོན་ཁང་ཆེན་མོའི་ནང་དུ་ཕེབས་པ་དང་། ཚེས་༨ཉིན་གྱི་ཞོགས་པའི་ཆུ་ཚོད༨དང་སྐར་མ༣༠སྟེང་ཚོགས་གཙོ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་མ… དེ་ལས་མང་།གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་བཞི་བ་དང་དུང་དཀར་དགོན་ཕྱག་བཏབ་ནས་མི་ལོ༡༡༣ལོན་པའི་མཛད་སྒོ་གཉིས་ལྷན་དུ་འཚོགས་པ།