ངེད་ཀྱི་སྐོར།

བོད་ཡིག་བརྡ་འཕྲིན་ལག་རྩལ་དྲ་བ་ནི་སྤྱི་ལོ༢༠༠༧ལོའི་ཟླ༧ཚེས༡༤ཉིན་དངོས་སུ་ཤར་གཏོང་བྱས་པ་རེད། དྲ་བ་འདི་ནི་བོད་ཡིག་གི་བརྡ་འཕྲིན་ལག་རྩལ་སྐོར་གྱི་དྲ་བ་ཞིག་རེད།

དྲ་བ་འདི་ནི་དང་ཐོག་ཨ་མདོ་བ་གླིང་སྨྱོན་གྱིས་སྒེར་གཉེར་བྱས་པའི་བོད་ཡིག་གི་དྲ་ཚིགས་ཞིག་ཡིན་ལ་བོད་རང་གི་བརྡ་འཕྲིན་ལག་རྩལ་ཐད་ལ་སྔར་མེད་ཀྱི་སྐུལ་འདེད་སྒོས་རྣམ་པ་གསར་བའི་ལམ་དུ་བསྐྱོད་པར་སྣེ་ཁྲིད་ཀྱི་བྱེད་ནུས་ཐོན་ཡོད།

འབྲེལ་གཏུགས་བྱེད་ཚུལ།

གལ་ཏེ་ཁྱེད་ལ་རྩིས་འཁོར་སྐོར་ཀྱི་རྩོམ་ཡིག་ཡོད་ན་ང་ཚོར་བསྐུར་དང་མྱུར་དུ་དྲ་ངོས་སུ་འགོད་རྒྱུ་ཡིན། མཉམ་འཇོག་དགོས་པ་ཞིག་ནི་ངེས་པར་དུ་གཅིག་གྱུར་ཨང་སྒྲིག་ཅན་གྱི་བོད་ཡིག་གི་ཡིག་གཟུགས་ཡིན་དགོས། གྲལ་དག་པའི་ངང་ཐད་ཀར་དུ་ཡིག་ཟམ་ནང་གཏག་ནས་བསྐུར་ཆོག་ལ Word ནང་གཏག་རྗེས་ཡིག་ཟམ་ནང་ཟུར་བཀོད་ཀྱི་རྣམ་པས་བསྐུར་ནའང་ཆོག བོད་ཀྱི་བརྡ་འཕྲིན་ལག་རྩལ་དྲ་བར་འབྲེལ་གཏུགས་བྱེད་ཚུལ་ནི།
ཤིན་ལང་པོད་ཕྲན། http://weibo.com/bumpa
གློག་རྡུལ་ཡིག་ཟམ། bumpa@tibetitw.com
MSN : bumpagyal@outlook.com
QQ : 32460212

དངུལ་སྤྲོད་ས།

སྐད་འཕྲིན་དངུལ་སྤྲོད་རྩ་གཉིས་ཨང་།

“ངེད་ཀྱི་སྐོར།” སྟེང་དུ་དཔྱད་མཆན 13 ཡོད།

  1. Photopea.com དྲ་ཐོག་པར་བཟོའི་མཉེན་ཆས་འདིའི་བརྙན་སྟོན་སློབ་ཁྲིད་དྲ་གནས་www.youtube.com/hisonamdawa ནས་བལྟ་མི་ཐུབ་པ་གང་ཡིན་ནམ།
    གུས་པར་དགོས་གལ་ཤིན་ཏུ་ཆེན་པོ་འདུག་པས། གང་མགྱོགས་ལྗགས་ལན་ཡོད་པ་ཞུ།
    པར་བཟོའི་མཉེན་ཆས་འདིའི་བརྙན་སྟོན་སློབ་ཁྲིད་གུས་པའི་ཡིག་ཟམ་3180842729@qq.comཡི་ནང་བསྐུར་ན་ཅི་མ་རུང་།

  2. ཕབ་ལེན་བྱེད་ས: http://pan.baidu.com/s/1slLfqGX འདི་ནས་ཕྲ་མཉེན་ཧི་མ་ལ་ཡ་བོད་ཡིག་མཉེན་ཆས་ཕབ་ལེན་བྱེད་མི་ཐུབ་པ་གང་ཡིན་ནམ།
    ལྗགས་ལན་ཡོད་པ་ཞུ། བཀའ་དྲིན་ཆེ།

  3. གླིང་སྨྱོནལགས་སུ།
    སྐུ་ཉིད་ནས་བོད་ཡིག་བེད་སྤྱོད་ཀྱི་ཁོར་ཡུག་གི་གཞི་རྒྱ་ཆེར་བསྐྱེད་ཀྱིས། བོད་ཡིག་གི་དྲ་ངོས་ཆེད་འགོད་ཀྱི་ལས་རིམ་གྱི་མཛད་རྗེས་ལ་འདི་ནས་དམིགས་བསལ་གྱིས་བཀྲིས་བདེ་ལེགས་ཞུ་བ་དང་ཆབས་ཅིག་སྐུ་ཉིད་ཀྱི་ལས་རིམ་ཁག་མུ་མཐུད་དུ་བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་དང་བཅས།
    ཡོ་རོབ་ནས། རེབ་གོང་བ་འཇིགས་མེད་ཀྱིས།

  4. ཉེ་ཆར་googleཡི་ནང་དུ་བོད་ཡིག་བླུགས་ནས་དྲ་སྒོ་ཕྱེ་ཐུབ་ཀྱིན་མི་འདུག་པས་བོད་ཡིག་བརྡ་འཕྲིན་ལག་རྩལ་པ་ཁྱེད་རྣམ་པ་དང་དྲ་གྲོགས་སུ་ཡི་གནས་ཚུལ་དེ་ཐག་བཅོད་ཐུབ་ཀྱིན་ཡོད་ཚེ་གུས་པར་ཐབས་དང་བཀའ་སློབ་ཡོད་པ་ཞུ།
    ཁྱེད་རྣམ་པ་སྐུ་གཟུགས་བདེ་ཐང་དང་བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་ཡོད།
    ཐུགས་རྗེ་ཆེ།

  5. སྐུ་ཉིད་ཀྱིས་བོད་ཀྱི་བརྡ་འཕྲིན་ལག་རྩལ་ཐད་ལ་བྱས་རྗེས་ཆེན་པོ་བཞག་ཡོད།ནམ་ཡང་གླིང་སྨྱོན་ཁྱེད་ལ་རྒྱབ་སྐྱོར་ཡོད།གནས་སྐབས་ཀྱི་བདེ་མོ་བྱོས།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།