པའེ་ཏུའུ་ཁ་པར་གཏག་ཐབས་ཁྲོད་དུ་བོད་ཡིག་བསྣན་པའི་སྐོར་གྱི་གནས་ཚུལ།

མིག་སྔར་ཨན་གྲོལ་ཁ་པར་ནང་དུ་བོད་ཡིག་ལ་རྒྱབ་སྐྱོར་ཐོབ་པའི་གཏག་ཐབས་སྣ་ཚོགས་ཅི་རིགས་ཐོན་ཡོད་པ་དང་། དེའི་ཁྲོད་དུ་ཕྱི་རྒྱལ་ནས་ཐོན་པའི་སྐོར་ཞིག་དང་རྒྱལ་ནང་ནས་ཐོན་པའི་སྐོར་ཞིག་ཡོད་ལ། བོད་ཡིག་བརྡ་འཕྲིན་ལག་རྩལ་དྲ་བས་ཀྱང་ཁ་ཤས་ཤིག་ངོ་སྤྲོད་བྱས་མྱོང་པ་རེད།

ཉེ་ཆར་དྲ་བའི་སྒང་ནས་ཨན་གྲོལ་ཁ་པར་ནང་ལ་བོད་ཡིག་གཏག་ཐབས་གསར་པ་ཞིག་ཐོན་འདུག་ཅེས་འུར་བཞིན་འདུག་པ་དང་། རྒྱུས་ལོན་བྱས་མཐར་དེ་ནི་པའེ་ཏུའུ་ཁ་པར་གཏག་ཐབས་རེད་འདུག

པའེ་ཏུའུ་ཁ་པར་གཏག་ཐབས།

སྤྱིར་ན་པའེ་ཏུའུ་ཁ་པར་གཏག་ཐབས་ཁྲོད་དུ་བོད་ཡིག་བཞག་འདུག་པ་དེ་གསར་འགྱུར་ཞིག་མིན་ནའང་། གཏག་ཐབས་འདི་ནི་རྒྱལ་ནང་ལ་མཚོན་ན་ཧ་ཅང་སྙན་གྲགས་ཆེ་བའི་གཏག་ཐབས་ཀྱི་གྲས་ཤིག་ཡིན་ལ། དེ་ཙམ་མ་ཟད་པའེ་ཏུའུ་རང་སྟེང་ལ་མཚོན་ནའང་ཀྲུང་གོའི་དྲ་དམངས་ལ་ཧ་ཅང་རྒྱུས་ཡོད་ཞིག་ཡིན་སྟབས། ཕབ་ལེན་སོགས་ཕྱོགས་གང་ཅིའི་ཐད་ནས་ཁྱབ་རྒྱ་ཆེ་བ་དང་སྟབས་བདེ་ཡིན་པ་བཅས་ཀྱི་ཁྱད་ཆོས་ལྡན་པས། གཏག་ཐབས་འདིའི་ནང་ལ་བོད་ཡིག་བཞག་འདུག་པ་ནི་ཧ་ཅང་དགའ་འོས་པའི་དོན་བཟང་ཞིག་ལ་བརྩི་རུང་གི་ཡོད།

གཤམ་དུ་ང་ཚོས་དཔེ་རིས་དང་སྦྲགས་ནས་པའེ་ཏུའུ་ཁ་པར་གཏག་ཐབས་ནང་ལ་བོད་ཡིག་ཅི་ལྟར་འཇུག་ཚུལ་ལ་བལྟ་བར་བྱའོ།།

དང་པོ་ཁ་ཕྱེ་དུས་ཀྱི་འཆར་ངོས།

ཁ་པར་ནང་ལ་ཕབ་ལེན་དང་སྒྲིག་འཇུག་བྱས་ཚར་རྗེས་ཁ་ཕྱེ་པ་ན་གོང་གི་དཔེ་རིས་ལྟར་ཡིན་ལ། གཡས་ཟུར་གྱི་ཀླད་ལ་རྟགས་དམར་པོ་བརྒྱབ་པ་དེར་བསྣུན་དགོས།

སྐད་ཡིག་དང་གཏག་ཐབས་སྒྲིག་འགོད།

དེ་ནས་སྐད་ཡིག་དང་གཏག་ཐབས་སྒྲིག་འགོད་ཅེས་པར་རྟགས་དམར་པོ་བརྒྱབ་པ་དེར་བསྣུན།

བོད་སྐད་གདམ་ཚན།

དེ་ནས་བོད་སྐད་ཅེས་པ་དེ་བཙལ་ནས་དེའི་སྟེང་ལ་བསྣུན་པ།

བོད་སྐད་འདེམས་པ།

དེ་ནས་བོད་སྐད་དེ་འདེམས་དགོས།

བོད་སྐད་ཏུ་བརྗེ་བའི་འཆར་ངོས།

དེ་ལྟར་གྲུབ་རྗེས་སྐད་འཕྲིན་སོགས་ཀྱི་ནང་ལ་ཡི་གེ་གཏག་དུས་གོང་གི་དཔེ་རིས་ལྟར་གྱི་གསལ་བརྡ་ཞིག་ཐོན་གྱི་འདུག་པ་དང་། འགྲུབ་པ་ཅེས་པ་དེར་བསྣུན་དགོས།

པའེ་ཏུའུ་ཁ་པར་གཏག་ཐབས།

ད་ནི་གཞི་ནས་བོད་ཡིག་གཏག་ཐུབ་པ་བྱུང་བ་རེད། དེ་ལྟར་བོད་ཡིག་བརྡ་འཕྲིན་ལག་རྩལ་དྲ་བས་དངོས་སུ་ཚོད་ལྟ་བྱས་པ་བརྒྱུད། པའེ་ཏུའུ་ཁ་པར་གཏག་ཐབས་འདི་ནི་ཕབ་ལེན་དང་སྒྲིག་འཇུག་དེ་ནས་སྒྲིག་འགོད་སོགས་ཧ་ཅང་སྟབས་བདེ་ཞིག་ཡིན་པ་ཤེས་བྱུང་།

དཔྱད་མཆན་སྤེལ།

གློག་འཕྲིན་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།