མཛེས་སྡུག་ལྡན་པའི་ཇུས་འགོད། སྟོབས་དང་ལྡན་པའི་བྱེད་ནུས། དེ་བཞིན་ཁྱེད་ལ་མཁོ་བའི་རང་དབང་ལོངས་སུ་སྤྱོད་རྒྱུ་ཡོད། WordPress ནི་རིན་མེད་ཡིན་ལ་རིན་ཐང་ནི་གཞལ་དུ་མེད་པ་ཞིག་ཀྱང་ཡིན།

ཆེས་ལེགས་པའི་ཡིད་རྟོན་འཕེར་བ།

30% ཡི་དྲ་ཚིགས་ཀྱིས WordPress སྤྱད་ཡོད་པ་དང་། མི་སྒེར་གྱི་པོད་ཁུག་ནས་གསར་འགྱུར་དྲ་ཚིགས་ཆེ་ཤོས་བར་ལ་སླེབས་ཡོད།

སྟོབས་དང་ལྡན་པའི་བྱེད་ནུས།

ཚད་མེད་པའི་སྒྲུབ་ཐུབ་ཚོད། ཁྱེད་ཀྱིས་ཅི་ཞིག་གསར་བཟོ་བྱེད་དམ།

  • རང་བཟོའི་
    ཇུས་འགོད།
  • SEO
    མཛའ་མཐུན།
  • ཡ་ལན་ཅན་གྱི་
    སྤོ་རུང་དྲ་ཚིགས།
  • མཐོ་བའི་
    གཤིས་ནུས།
  • དོ་དམ་བྱེད་ན་
    འདིར་བསྐྱོད།
  • ཚད་མཐོ་བའི་
    བདེ་འཇགས།
  • སྟོབས་དང་ལྡན་པའི་
    སྨྱན་གཟུགས་དོ་དམ།
  • སྟབས་བདེ་དང་
    འཇུག་བདེ་བ།

ཁྱེད་ཀྱི་དྲ་ཚིགས་ལ་རོགས་རམ་སྒོས་ཁྱེད་ཀྱི་རེ་འདུན་སྐོང་ཆེད། WordPress ལ་མཐུད་སྣེ་ 45,000 ལས་བརྒལ་བ་ཞིག་རྒྱ་བསྐྱེད་བྱས་ཡོད་ལ། དྲ་ཐོག་ཚོང་ར་དང་། པར་དེབ། ཡིག་ཟམ་གསལ་ཐོ། གླེང་སྟེགས། དབྱེ་ཞིབ་སོགས་ མང་པོ་ཞིག་ཁ་སྣོན་བྱས་ཡོད།

མི་སྡེ།

འཛམ་གླིང་གི་གྲོང་ཁྱེར 436 ན་གསར་འབྱེད་པ་དང་། ནང་དོན་གསར་བཟོ་བྱེད་མཁན་དང་དྲ་ཚིགས་བདག་པོ་སོགས་ཁྲི་སྟོང་མང་པོ་ཟླ་རེའི་འདུ་འཛོམས་སྟེང་འཕྲད་ཀྱིན་ཡོད་པ་རེད།

རང་སའི་ WordPress མི་སྡེ་ཞིག་འཚོལ།

WordPress སྤྱོད་མགོ་རྩོམ།

ས་ཡ་ 60 ལས་བརྒལ་བའི་མིས་ WordPress བདམས་ནས་ཁོ་ཚོའི་ “ཁྱིམ་གཞིས་” སུ་འབོད་པའི་དྲ་ཚིགས་ལ་ཁ་ལོ་བསྒྱུར་ཡོད། — ཁྱིམ་ཚང་ལ་ཞུགས།

ང་ཚོའི་པོད་ཁུག་ཁྲོད་ཀྱི་འཕྲིན་གསར།

WordPress 4.9.4 སྲུང་སྐྱོང་པར་གཞི་འགྲེམས་སྤེལ་བྱས་པ།

WordPress 4.9.4 ད་ལྟ་འགྲེམས་སྤེལ་བྱས་ཟིན། དེ་སྔར། དུས་ཚོད་ཀྱི་ཁོམ་ལོངས་མ་བྱུང་བ་དང་བྱ་བ་ག་གེ་མོའི་དབང་གིས། བོད་ཡིག་གི WordPress བྱ་རིམ་དེ་ཐོན་རིམ 4.7.2 ནས་ལུས་པ་དང་། དུས་ཚོད་ཡུན་རིང་ཞིག་ལ་ཡིག་བསྒྱུར་གསར་བཅོས་བྱེད་མ་ཐུབ་པ་རེད། ད་ལྟ་བོད་འགྱུར་ཚོགས་པར་མི་སྣ་ཁ་ཤས་གསར་ཏུ་ཞུགས་པ་དང་བསྟུན་ནས་ཡིག་སྒྱུར་གྱི་བྱ་བར་ཤུགས་སྣོན་བྱས་ཏེ། WordPress 4.9.x ཐོན་རིམ་དེ་ཡོངས་རྫོགས་བོད་ཡིག་ཏུ་བསྒྱུར་ཚར་ཡོད་པ་དང་། དངོས་སུ་ཕབ་ལེན་བྱེད་རྒྱུ་ཡོད། འདིར་བསྣུན་ནས WordPress 4.9.4 ཕབ་ལེན་བྱེད་པ་དང་ཡང་ན། རང་གི་དྲ་ཚིགས་ལྟག་རྒྱབ་ཀྱི་ཡོ་ཆས་སྟེགས་བུར་བསྐྱོད་ནས་ཐད་ཀར་གསར་བཅོས་བྱེད་ཆོག་གི་ཡོད།

དེ་ནི་ཤིན་ཏུ་སླའོ…

  1. དྲ་ངོས་འཇོག་སའི་གཙོ་འཕྲུལ་ཞིག་བཙལ་བ་ དང་དུས་མཉམ་དུ WordPress ལ་རམ་འདེགས་ཐུབ་པའི་གནས་ཚུལ་འོག་ནས་ཕུལ་དུ་བྱུང་བའི་ཚབ་གཉེར་ཞབས་ཞུ་ཐོབ་ལེན་བྱེད་པ།
  2. WordPress ཕབ་ལེན་དང་སྒྲིག་འཇུག་ ལ་ང་ཚོའི་མིང་དུ་གྲགས་པའི་སྐར་མ 5 ཡི་སྒྲིག་འཇུག་གིས། གླུ་བ་གྲགས་ཅན་ཞིག་གི་ཚོར་སྣང་སྟེར་བ།
  3. ཡིག་ཚགས་ཀློག་འདོན་ བྱས་ཏེ་རང་ཉིད WordPress ཆེད་མཁས་པ་ཞིག་ཏུ་འགྱུར་བར་བྱས་ནས་རང་གི་གྲོགས་པོ་ཚོའི་ཡིད་དབང་འགུག་པ།