ཁྱུང་དཀར་རིག་འཛིན་སྨིན་གྲོལ་གླིང་བསྐྱར་བཞེངས་ལེགས་གྲུབ་ཀྱི་མཛད་སྒོ་སྤེལ་བ།

ཁྱུང་དཀར་རིག་འཛིན་སྨིན་གྲོལ་གླིང་བསྐྱར་བཞེངས་ལེགས་གྲུབ་ཀྱི་མཛད་སྒོ་སྤེལ་བ།

         རྩོམ་པ་པོ། ཁྱུང་བཟང་། རྩོམ་ཁུངས། རེབ་གོང་བོན་མང་དྲ་ཚིགས། 001       ད་ལོའི་ལུགས་རྙིང་གི་ཟླ ༡༠ ཚེས ༣ ཉིན་ནས། རེབ་གོང་སྨད་ཕྱོགས་ཀྱི་བོན་སྡེ་ཆེན་མོ་ཁྱུང་བོ་ཐང་ནས་གསས་ཁང་འགྲུབ་སྟོན་གྱི་མཛད་སྒོ་སྤེལ།       01 002 
     

      དེ་ཡང་གསར་དུ་བཞེངས་གྲུབ་བྱུང་བའི་ཁྱུང་བོ་གསས་ཁང་ཁྱུང་དཀར་རིག་འཛིན་སྨིན་གྲོལ་གླིང་འདི་ཉིད་ནི ༡༩༨༤ ལོར་སྐྱབས་རྗེ་བླ་མ་དམ་པ་མཁས་དང་གྲུབ་པའི་དབང་ཕྱུག་ཆེན་མོ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོའི་ཐུགས་ཁུར་མཛུབ་སྟོན་འོག་བཞེངས་པའི་སྔར་ཡོད་གསས་ཁང་གི་ཤུལ་དེ་རང་ནས་གཞི་རྒྱ་ཆེ་རུ་བསྐྱེད་དེ་བསྐྱར་བཞེངས་བྱས་པ་སྟེ། སྤྱི་ལོ ༢༠༡༥ ལོའི་ཟླ ༢ པའི་ཚེས ༡༡ ཉིན་ཤིང་བཟོ་དངོས་སུ་ཐོན་ཏེ་ལེགས་པར་བཞེངས་པའི་མགོ་བརྩམས་པ་དང་། ༢༠༡༦ ལོའི་ཟླ ༡༠ བའི་ཚེས ༣ ཉིན་ལ་གསས་ཁང་དང་བཙན་ཁང་། དམག་དཔོན་ཁང་རྟེན་བརྟེན་པ་དང་བཅས་པ། ས་གཞན་དང་ཚོགས་པ་གཞན་སོགས་ལ་མ་དངུལ་གཅིག་ཀྱང་མ་བསླངས་པར་སྡེ་བ་རང་གི་ཁ་རྒན་གཞོན་སེར་སྐྱ་ཕོ་མོ་ཀུན་གྱིས་རང་མོས་གང་འཛོམས་ལྟར་ཕུལ་བའི་ཞལ་འདེབས་དམངས་སྒོར་ཁྲི ༤༠༠ ལ་ཉེ་བའི་འགྲོ་གྲོན་བཏང་སྟེ་ད་ལྟ་ཡོངས་སུ་གྲུབ་པར་མ་ཟད་དགྱེས་སྟོན་ཀྱང་ཉིན་ལྔ་ལ་བྱས་ཤིང་། ཉིན་དང་པོར་བོན་བརྒྱ་སྨན་རིའི་གླིང་གི་བླ་གྲྭ་ཡོངས་དང་རེབ་གོང་བོན་མང་གིས་མཚོན་པའི་བོན་རྩ་ཁག་མགྲོན་འབོད་སྣེ་ལེན་གཟབ་རྒྱས་ཞུས་པ་དང་། ཉིན་གཉིས་པར་སྤེན་དཀར་ཐང་དགོན་པའི་གྲྭ་བ་ཡོངས་དང་སྨད་པ་སྡེ་བདུན་གྱིས་མཚོན་པའི་ཕྱོགས་ཀྱི་མགྲོན་པོ་རྣམས་དགའ་བས་བསུས། ཉིན་གསུམ་པར་ཡུལ་ཕྱོགས་སོ་སོ་ན་ཡོད་པའི་རང་སྡེའི་ལས་བྱེད་པ་རྣམས་དང་། ཕྱིའི་ཡུལ་སྡེ་དག་ལ་གནས་དང་མག་པར་སོང་བའི་བུ་སྲིང་གཉེན་མི་གང་ཡོད་རྣམས་མགྲོན་འབོད་ཀྱིས་ནང་མི་ལྷན་དུ་འཛོམས་པའི་དགའ་སྟོན་རྩེད་འཇོ་ཡི་དཔལ་ལ་རོལ། ཉིན་བཞི་བ་དང་ལྔ་བར་སྡེ་བ་རང་དུ་བཞུགས་པའི་རྒན་གཞོན་བར་མའི་སྐྱེ་བོ་མཐའ་དག་གདན་ཐོག་གཅིག་ལ་འཛོམས་ཏེ། དགའ་སྟོན་རྩེད་འཇོ་དང་ཇ་ཆང་ལོངས་སྤྱོད་ཀྱི་ཚོགས་ལ་ངོམ་མེད་དུ་རོལ་ཏེ་སེམས་ཀྱི་དགའ་བ་གླུ་རུ་བླངས་ཤིང་ཡིད་ཀྱི་དུངས་པ་གར་གྱིས་མཚོན་པར་བྱས། ཞིབ་ཏུ་ཀློག ཁྱུང་དཀར་རིག་འཛིན་སྨིན་གྲོལ་གླིང་བསྐྱར་བཞེངས་ལེགས་གྲུབ་ཀྱི་མཛད་སྒོ་སྤེལ་བ།

སྨན་རིའི་གྲྭ་ཚང་གི་གལ་ཆེའི་གསལ་བསྒྲགས།

སྨན་རིའི་གྲྭ་ཚང་གི་གལ་ཆེའི་གསལ་བསྒྲགས།

IMG_5313

         ༄༅། ། ཕན་བདེའི་འབྱུང་གནས་རྒྱལ་བསྟན་རིན་པོ་ཆེ་སྤྱི་དང་བྱེ་བྲག་ཏུ་རང་རེའི ༧ ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན ༧ སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་གི་སྐུ་ཡི་སྙུང་ཁམས་བདེ་མིན་ལ་བརྟེན་ཏེ་སླར་ཡང་འདི་ཟླའི་ཚེས་བདུན་༧་ཉིན་ཨ་རིར་སྨན་བཅོས་ལ་ཆིབས་བསྒྱུར་བསྐྱངས་མཛད་ཡོད་པ་ལགས་ན། དེ་ལུགས་སུ་མགོན་པོ་གོང་གི་སྐྱབས་འོག་ཏུ་གནས་པའི་ང་ཚོ་བོན་འབངས་ཡོངས་ཀྱིས་སྐུ་ཕྱྭའི་ཞབས་རིམ་སྔར་བཞིན་བསྒྲུབ་དགོས་པ་འོས་བབས་སུ་མཆིས། ཉེ་ཆར་༧སྐྱབས་རྗེ་དཔོན་སློབ་རིན་པོ་ཆེ་མཆོག་གིས སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་ལ་ཞབས་རིམ་གནད་དམིགས་གང་དགོས་ཕྱག་མོ་གསུང་རྟགས་ཞུས་པར།   ཡོངས་འཛིན་རིན་པོ་ཆེ་མཆོག་གིས་རྒྱལ་བའི་བཀའ་རིན་པོ་ཆེ་ལྗགས་ཀློག་དང་། ཕུར་གཞུང་ཚར་བརྒྱ་སྟོང་གང་འགྲུབ། ཕུར་པའི་ཚོགས་འཁོར། ཕུར་པའི་སྲུང་བཟློག ཕུར་པའི་སྦྱིན་སྲེག རྣམ་རྒྱལ་གཟུངས་ཆེན་ཚར་བརྒྱ། གསེར་འོད་ནོར་བུ་འོད་འབར་ཚར་བརྒྱ། ཚེ་སྒྲུབ། ས་སྒོ་གཅོད་པ་བཅས་ཞབས་རིམ་འདི་དག་བསྒྲུབ་དགོས་ཀྱི་བཀའ་བསྩལ་ཕེབས་འདུག་ན། འཛམ་གླིང་ས་ཕྱོགས་གང་སར་གནས་པའི་བོན་འབངས་ཡོངས་ཀྱིས་བསྟན་སྲུང་དམ་ཅན་གྱི་སྡེ་ལ་བསྐང་གསོལ་འཕྲིན་བཅོལ་ཞུ་རྒྱུ་དང་། སྐབས་བབས་གནད་སྨིན་ཞབས་རིམ་རྣམས་ཅི་ཐུབ་གང་ཐུབ་བསྒྲུབ་རྒྱུའི་རེ་བསྐུལ་ཞུ་བ་དང་། འདི་གའི་༧གདན་ས་སྨན་རིའི་དགོན་ནས་གོང་འཁོད་ཞབས་རིམ་རྣམས་ཆ་ཚང་བླ་གྲྭ་འདུས་སྤྱི་ནས་འདི་ཟླའི་སྤྱི་ཚེས་༨ཉིན་ནས་བཟུང་སྟེ་བསྒྲུབ་རྒྱུའི་སྟ་གོན་བྱེད་བཞིན་པའི་གནས་ཚུལ་ཙམ་དུ།

༧དཔལ་གཤེན་བསྟན་སྨན་རིའི་གྲྭ་ཚང་ནས།

ཕྱི་ལོ༢༠༡༦/༡༡/༧ཉིན་སྤེལ།

 

བརྟན་བཞུགས་གོ་སྒྲིག་ཚོགས་པའི་བཀྲ་ཤིས་པའི་གཏམ་བཟང་།

བརྟན་བཞུགས་གོ་སྒྲིག་ཚོགས་པའི་བཀྲ་ཤིས་པའི་གཏམ་བཟང་།

རྩོམ་པ་པོ། བརྟན་བཞུགས་གོ་སྒྲིག་ཚོགས་པ། རྩོམ་ཁུངས། རེབ་གོང་བོན་མང་དྲ་ཚིགས།

01

༅༅།། འཛམ་གླིང་རྒྱལ་ཁབ་ཕྱི་ནང་གང་སར་བཞུགས་པའི་ཐེག་ཆེན་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་རྗེས་སུ་འཛིན་པའི་རྒྱ་ཆེའི་བོན་འབངས་རྣམས་ཀྱི་སྙན་དབང་དུ་བཀྲ་ཤིས་པའི་གཏམ་བཟང་ཞུ་དོན།
འཛམ་གླིང་བོན་གྱི་གཙུག་རྒྱན༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་ལ་བཀའ་དྲིན་རྗེས་དྲན་མཎྚལ་བརྟན་བཞུགས་བསྟར་འབུལ་གྱི་མཛད་རིམ་གསལ་བསྒྲགས་སྔོན་སོང་ལྟར།
ཕྱི་ལོ༢༠༡༦ཟླ༡༠ཚེས༣༡ནས་ཟླ་བ༡༡པའི་ཚེས༠༢བར་ཉིན་གསུམ་གྱི་རིང་ལ་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་སྐྱབས་རྗེ་མཁན་སློབ་རྣམ་གཉིས་ལ་བཀའ་དྲིན་རྗེས་དྲན་བརྟན་བཞུགས་རྒྱས་འབུལ་གོ་སྒྲིག་ཚོགས་པ་ལ་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་དང་བཤད་སྒྲུབ་འདུས་སྡེ། སྨན་རིའི་གྲྭ་ཚང་བཅས་གཙོས་པའི་ཚོགས་པ་ཆེ་ཕྲ་ཁག་གིས་མཐུན་འགྱུར་དང་དཔུང་འདེགས་རྒྱ་ཆེར་མཛད་ནས་གོ་སྒྲིག་ཞུས་པ་བཞིན།

ཞིབ་ཏུ་ཀློག བརྟན་བཞུགས་གོ་སྒྲིག་ཚོགས་པའི་བཀྲ་ཤིས་པའི་གཏམ་བཟང་།

༧རྒྱལ་བ་སྨན་རི་བར་བརྟན་བཞུགས་རྒྱས་འབུལ་གྱི་མཛད་རིམ་ཕྱོགས་བསྡུས།

01

༧སྐྱབས་རྗེ་༧རྒྱལ་བ་སྨན་རི་བའི་བརྟན་བཞུགས་ཉིན་དང་པོ།

འཛམ་གླིང་བོན་གྱི་གཙུག་རྒྱན་དཔོན་གསས་བླ་མ་༧སྐྱབས་རྗེ་༧རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་ལ་བཀའ་དྲིན་རྗེས་དྲན་མཎྚལ་བརྟན་བཞུགས་བསྟར་འབུལ་གྱི་མཛད་རིམ་དབུ་འཛུགས་གནང་བ། གསལ་བསྒྲགས་སྔོན་སོང་ལྟར་གཤེན་གྱི་འབྱུང་ལྡན་༣༠༡བོད་མེ་སྤྲེལ་ལོའི་ཟླ་བ་དགུ་པའི་ཚེས་གཅིག་ནས་གསུམ་བར་ཏེ། ཕྱི་ལོ་༢༠༡༦ཟླ་༡༠ཚེས་༣༡ནས་ཟླ་བ་༡༡ཚེས་༠༢བར་ཏེ་ཉིན་གསུམ་གྱི་རིང་ལ་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་རྒྱལ་སྤྱིའི་གཡུང་དྲུང་བོན་གྱི་བརྟན་བཞུགས་གོ་སྒྲིག་ཚོགས་པ་ནས་གོ་སྒྲིག་ལྟར་༧སྐྱབས་རྗེ་༧རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་རིན་པོ་ཆེ་ལ་མཎྚལ་བརྟན་བཞུགས་རྒྱས་འབུལ་ཞུ་བཞིན་ཡོད་པ་ལྟར། ཐོག་མར་ཕྱི་ལོ་༢༠༡༦ཟླ་༡༠ཚེས་༣༡ཉིན་ས་གནས་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་དང་དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས། ༧དཔལ་གཤེན་བསྟན་སྨན་རིའི་གླིང་། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ་བཅས་ནས་མཛད་སྒོ་གོ་སྒྲིག་ཞུས་པ་བཞིན་ཐོག་མར་ཞོགས་པའི་ཆུ་ཚོད་༩པའི་སྟེང་༧སྐྱབས་རྗེ་༧རྒྱལ་བ་སྨན་རི་བ་མཆོག་གི་བཀའ་དགོངས་བཞིན་༧སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་གིས་བོད་ཕྱི་ནང་གཉིས་དང་ནུབ་ཕྱོགས་ཡུལ ཞིབ་ཏུ་ཀློག ༧རྒྱལ་བ་སྨན་རི་བར་བརྟན་བཞུགས་རྒྱས་འབུལ་གྱི་མཛད་རིམ་ཕྱོགས་བསྡུས།

སྙན་ངག་པ་བརྒྱ་ལྷག་གིས་མཉམ་བྲིས་བརྟན་བཞུགས་ཤིས་རྩོམ།

རྟག་བརྟན་གཡུང་དྲུང་གི་རང་སྒྲ།

333333333

འཛམ་གླིང་བོན་གྱི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རི་མཆོག་གི་མནྜལ་བརྟན་བཞུགས་སུ་ཕུལ་བའི་ཤིས་ཚིག

                                                                                                                                                  

སྲིད་པ་གསུམ་གྱི་དཔལ་དང་མགོན་གྱུར་པའི།།
མ་ལུས་བོན་འབངས་ཡོངས་ཀྱི་ལས་ཀྱི་ཡབ།།
མ་བགོས་སྤྱི་ལ་བཞག་པའི་ནོར་བུ་མཆོག།
ལུང་རྟོགས་བསྟན་པའི་ཉི་མ་ཁྱེད་ཉིད་དྲན།།

མ་གྱུར་འགྲོ་བའི་གསོས་སུ་བཞེངས་པའི་ལྷ།།
བསྟན་འཛིན་སྐྱེས་ཆེན་གྲངས་ལས་འདས་ན་ཡང་།།
གཡུང་དྲུང་བསྟན་ལ་བཀའ་དྲིན་ཟླ་བྲལ་བ།།
ཞྭ་དཀར་བསྟན་པའི་གཙུག་རྒྱན་ཁྱེད་ཉིད་དྲན།།

      —-སྨན་རིའི་བཤད་སྒྲུབ་མཁན་པོ་ཉི་མ་དོན་གྲུབ་རིན་པོ་ཆེ།

གང་སྐུའི་དཀྱིལ་འཁོར་ཀུན་གསལ་ཐིག་ལེའི་ངོས།།
གང་གསུང་ཚངས་དབྱངས་འོད་སྣང་ཁི་ཁར་རྩེན།།
གང་ཐུགས་འཁྲུལ་མེད་མཁྱེན་བརྩེ་རབ་འཁྱུད་པའི།།
གང་ཁྱེད་བདེ་ཆེན་རྒྱན་དུ་རྟག་བརྟན་ཤོག།

དད་གསུམ་ནོར་བུ་རྒྱལ་མཚན་རྩེ་རུ་མཆོད།།
དམ་ཅན་རྒྱ་མཚོའི་སྲུང་སྐྱོབས་གྲིབ་བཞིན་འཁོར།།
བོན་གཤེན་སྨོན་པའི་དར་ཆེན་སྐྱེ་འགྲོའི་གསོས།།
རྒྱལ་བ་ཁྱེད་ཞབས་བསྐལ་བརྒྱར་བརྟན་འགྱུར་ཅིག།

             ______དགེ་བཤེས་བསྟན་འཛིན་དབང་རྒྱལ་རིན་པོ་ཆེ། ཞིབ་ཏུ་ཀློག སྙན་ངག་པ་བརྒྱ་ལྷག་གིས་མཉམ་བྲིས་བརྟན་བཞུགས་ཤིས་རྩོམ།

༧རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་གི་མཛད་རྣམ་གནད་བསྡུས།

5efaeb77gad9eab06564c690

དེ་ཡང་རང་ཅག་སྐལ་ལྡན་སྐྱེ་འགྲོ་ཡོངས་ཀྱི་འདྲེན་པ་ཆེན་པོ་༧སྐྱབས་རྗེ་༧རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཚན་བརྗོད་པར་དཀའ་བ་དོན་སླད་དུ་ཞུས་ན་༧སྐྱབས་རྗེ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་ནི། རྒྱལ་བ་གཤེན་གྱི་འབྱུང་༣༠༡བོད་ས་མོ་སྦྲུལ་གྱི་ལོ་ཕྱི་ལོ་༡༩༢༩ཧོར་ཟླ་ལྔ་པའི་ཚེས་བཅོ་ལྔ་ཉིན་མདོ་སྨད་ཤར་ཁོག་ཏུ་ལྗོངས་ལྡོང་ཚང་ཞེས་པའི་དུད་ཁྱིམ་ཆེན་པོ་དེར་ཡབ་ལྗོངས་ལྡོང་རྒྱལ་ལོ་དང་ཡུམ་བར་རོང་བཟའ་མཚོ་མོ་གཉིས་ཀྱི་སྲས་སུ་འཁྲུངས་ཤིང་མཚན་ལ་བླ་མ་ཐར་ཞེས་གསོལ།

༡༩༣༥ དགུང་གྲངས་བདུན་བཞེས་སྐབས་སྐྱང་ཚང་དགོན་གྱི་རྒན་བྱ་ཚང་སྲུང་ཐར་བྱ་བའི་སྐུ་མདུན་ནས་དང་པོ་ཀློག་འདོན་ཚེག་བརྡར་ནས་རིམ་བཞིན་སྦྱོངས་པ་གནང༌། དེ་ནས་རིམ་བཞིན་ཆོ་ག་རྒྱས་བསྡུས་དང་ཡི་དམ་གྱི་སྒྲུབ་སྐོར་སོགས་འདོན་ཆོག་གི་རིགས་ལ་བྱང་ཆུབ་པར་མཛད་ཅིང༌། ཞོར་དུ་དཀྱིལ་འཁོར་ཐིག་རྩ་དང་རྡུལ་ཚོན་བཅས་ལའང་ཧུར་བརྩོན་ཆེན་པོས་སྦྱངས་པ་གནང༌།003

༡༩༤༡ དགུང་གྲངས་བཅུ་གསུམ་ཐོག་འདོན་དབྱངས་གྱེར་གསུམ་དང༌། འབུད་རྡུང་དཀྲོལ་གསུམ་སོགས་ལ་སྦྱངས་པ་ལྷོད་མེད་གནང༌། སྐབས་དེར་ཁོང་གི་མ་ཡུམ་སྐུ་ན་ཕྲ་བའི་དུས་ནས་ལྔ་ལམ་དུ་གྱུར་སྟབས་བསྟན་པ་ལྷུན་གྲུབ་མཆོག་གི་སྐུ་མདུན་ནས་གསོ་བ་རིག་པའི་གཞུང་ལས་དུས་བཞི་ཁམས་རྩིས་དང༌། མ་བུ་དགྲ་གྲོགས། རྩ་དཔྱད། སྨན་ངོ་སྤྲོད་པ་སོགས་ལ་སྦྱངས་པ་གནང་སྟེ་ཟིང་ཆུ་སྟོད་སྨད་དང་བབ་བཟོ་སོགས་ས་ཆ་གང་སར་མ་ཡུམ་གྱི་དགེ་རྩར་དམིགས་ཏེ་སྐྱེ་འགྲོ་ནད་ཀྱིས་གདུང་བ་རྣམས་ལ་སྨན་སྦྱིན་རྒྱ་ཆེར་བསྩལ། ཞིབ་ཏུ་ཀློག ༧རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་གི་མཛད་རྣམ་གནད་བསྡུས།

རྒྱལ་བ་སྨན་རི་བའི་བརྟན་བཞུགས་མཛད་རིམ།

རྒྱལ་ཁབ་ཕྱི་ནང་གང་སར་བཞུགས་པའི་གཡུང་དྲུང་བོན་གྱི་བསྟན་པའི་རྗེས་སུ་འཛིན་པའི་དད་དམ་གཡོ་བ་མེད་པའི་རྒྱ་ཆེའི་བོན་འབངས་ཡོངས་ལ་གསལ་བསྒྲགས།002

ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ༧རྒྱལ་བ་སྨན་རི་བའི་ཁྲི་འཛིན་རིན་པོ་ཆེ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་བརྟན་བཞུགས་དུས་ཚེས་ནི་ཕྱི་ལོ་༢༠༡༦ཕྱི་ཟླ་༡༠ཚེས་༣༡ནས་ཟླ་བ་༡༡པའི་ཚེས་༢ཉིན་བར་ཉིན་གསུམ་གྱི་རིང་ཡིན་པ་ལྟར། བརྟན་བཞུགས་ཉིན་གསུམ་རིང་གྱི་མཛད་རིམ་གཤམ་གསལ་ལྟར་ཡིན། ཞིབ་ཏུ་ཀློག རྒྱལ་བ་སྨན་རི་བའི་བརྟན་བཞུགས་མཛད་རིམ།

དབྲ་བའི་བླ་རབས་ཉེར་གཉིས་པ་ཚུལ་ཁྲིམས་དྲི་མེད་རྣམ་རྒྱལ་མཆོག་གི་མཛད་རྣམ་སྙིང་བསྡུས།

དབྲ་བའི་བླ་རབས་ཉེར་གཉིས་པ་ཚུལ་ཁྲིམས་དྲི་མེད་རྣམ་རྒྱལ་མཆོག་གི་མཛད་རྣམ་སྙིང་བསྡུས།
རྩོམ་པ་པོ། དབྲ་དཀར•གཞན་ཕན་ཤེས་རབ།  རྫ་སྟེང་ཆེན་དགོན།རྩོམ་ཁུངས། རེབ་གོང་བོན་མང་དྲ་ཚིགས།

395033988519762843
དབྲ་བའི་བླ་རབས་ཉེར་གཉིས་པ་ཚུལ་ཁྲིམས་དྲི་མེད་རྣམ་རྒྱལ་མཆོག

26207253599607898

        དེ་ཡང་དམ་པ་འདི་ནི་འཛམ་གླིང་ཡུལ་གྱི་སྙིང་པོ་དྲུག་གི་ཡ་གྱལ་ཕྲོམ་གེ་སར་གྱི་སོ་མཚམས་ཤར་ཟླ་ལུང་རིང་མོའི་ཡུལ་གྲུ་གནས་ཆེན་ཉེར་ལྔའི་ནང་ཚན་རྫ་ཁྲ་ལྡོམ་ཝེར་སྙིང་མི་འགྱུར་གྱི་རི་ཕྲན་བླ་རི་གཉེན་ཆེན་རི་བོའི་ཉེ་ཕྱོགས་སུ་གཤེན་གྱི་འབྱུང་ལྡན་སུམ་བརྒྱ་གཅིག་གི་ལོ་རབས་གསུམ་པ་སྟེ་མེ་སྟག་སྤྱི་ལོ༡༩༨༣ལོར་ཡབ་དཀར་ནག་གི་དགེ་སྡིག་ལ་བག་ཟོན་ཆེ་ཞིང་ལས་འབྲས་ལ་རབ་ཏུ་ཞིབ་པའི་ཚེ་རྡོར་དང་། ཡུམ་སྤྱོད་པ་དུལ་ཞིང་རྒྱུད་ལྷོད་ལ་བློ་སེམས་བཟང་བའི་གཡང་རིལ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།ལྷུམས་སུ་ཞུགས་པའི་སྐབས་དང་སྐུ་བལྟམས་པའི་དུས་རྣམས་སུ་རྟེན་འབྲེལ་ལེགས་པའི་ཚུལ་གྱིས་མཁའ་ལ་འཇའ་ཚོན་བཀྲ་བ་དང་ཡུལ་ཁམས་བདེ་བའི་རྟགས་བྱུང་ཡོད་པ་མ་ཟད་སྐུ་ཕྲེང་མང་པོའི་རིང་ནས་བསྒྲུབས་པའི་བསྟན་སྲུང་ཨ་བསེ་རང་བཞིན་གྱིས་འཁོར་བའི་བརྡ་ཨ་བསེའི་བླ་བྱ་འུག་པ་མང་པོས་འབྲོག་ཁྱིམ་སྐོར་བ་སོགས་བྱུང་བས་ཁོང་གི་ཡབ་རྒན་ལ་རྟོག་པ་སྐྱེས་ཏེ་ཡུལ་དེའི་སྐྱབས་མགོན་སྔ་འགྱུར་རྙིང་མའི་མཁན་ཆེན་ཐུབ་བསྟན་ནོར་བུ་རིན་པོ་མཆོག་ལ་སྙན་ཞུ་ཕུལ་སོང་སྐབས། བླ་མས་བུ་དེ་བོན་པོའི་བླ་སྤྲུལ་ཞིག་གི་རྣམ་སྤྲུལ་ཡིན་པས་གཙོག་ཤོར་མི་ཉན་ཚུལ་སོགས་ལུང་བསྟན་རྒྱ་ཆེར་གསུངས།  དེ་ནས་བརྡ་འཕྲད་ཙམ་གྱི་སྐབས་ནས་མ་བསླབ་རང་བརྡོལ་ཚུལ་དུ་སྨྲ་སེང་བསྙེན་པ་དང་སྙིང་པོ་རྣམ་གསུམ་སྐུ་གསུང་ཐུགས་ཀྱི་སྙིང་པོ་ཨ་ཨཱོྃ་ཧཱུྃཿསོགས་ཞལ་ནས་གསུངས་པ་དང་།  བྱོན་ཐུབ་ཙམ་ནས་ཐུགས་ལ་བབས་མིན་བྱུང་ན་ང་སྟེང་ཆེན་དགོན་དུ་འགྲོ་ཡིན་གསུངས་ཏེ་བྱོན་ཚུལ་བསྟན་པར་མཛད།    བར་སྐབས་ཤིག་ལ་སྙུང་གཞི་ཐེབས་ཏེ་ཤར་རྫའི་གདན་སར་ཉག་བླ་གཡུང་དྲུང་བསྟན་འཛིན་ཞེས་རྫོགས་པ་ཆེན་པོའི་རྣལ་འབྱོར་བ་ཞིག་བཞུགས་པའི་མདུན་དུ་ཡབ་ཡུམ་གཉིས་ཀྱིས་སྐྱབས་ཞུས་ཚེ་དབང་དང་ཁྲུས་སོགས་མཛད་ནས་བུ་འདི་མི་འདྲ་བ་ཞིག་འདུག་གསུངས།   དགུང་ལོ་གསུམ་ཙམ་ནས་ཁོང་གི་སྐུ་ཡི་མཆེད་ཟླ་མཁན་པོ་བུམ་པ་ཞུ་བའི་ར་སྐོར་དགོན་པའི་བླ་མ་ཞིག་ཡོད་པ་དེའི་གམ་ནས་ཀ་ཁ་བསླབ་སྟེ་ལན་གཅིག་བསླབས་པའི་ཤར་མ་ཀློག་ཐུབ་པ་བྱུང་།  བྱིས་པ་རང་ཁར་བ་བཞིན་ཆེད་དུ་བསླབ་པའི་དཀའ་ངལ་མ་བྱུང་པ་བཤད།  ཞིབ་ཏུ་ཀློག དབྲ་བའི་བླ་རབས་ཉེར་གཉིས་པ་ཚུལ་ཁྲིམས་དྲི་མེད་རྣམ་རྒྱལ་མཆོག་གི་མཛད་རྣམ་སྙིང་བསྡུས།

ཞང་ཞུང་མེས་པོའི་ཐུན་མིན་གྱི་ཕྱག་ཆ་སིལ་སྙན་གླེང་བ།

ཞང་ཞུང་མེས་པོའི་ཐུན་མིན་གྱི་ཕྱག་ཆ་སིལ་སྙན་གླེང་བ།

རྩོམ་པ་པོ། ཁྲི་བདེ་མཆོག  རྩོམ་ཁུངས། རེབ་གོང་བོན་མང་དྲ་ཚིགས།

569427305932994921

སྙན་རྒུ་དབྱངས་ཀྱི་ངོ་མཚར་དཔལ་ཀུན་རྫོགས།།

གཤེན་རྒུའི་ཐུན་མིན་ཕྱག་ཆ་སིལ་སྙན་གྱི།།

བཟང་རྒུའི་ཡོན་ཏན་ཚུལ་བཞིན་བརྗོད་དཀའ་ཡང༌།།

ཕན་རྒུའི་ལྷག་བསམ་ཀློང་ནས་ཐོད་ཀྱིས་སྤྲོ།།

                  དེ་ཡང་གཡུང་དྲུང་བོན་གྱི་ཐུན་མོང་མ་ཡིན་པའི་ཕྱག་ཆ་སིལ་སྙན་ཞེས་པ་ནི།  རྒྱལ་བ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔ་ལ་མཚོན་བྱེད་ཀྱི་ཕྱག་ཆ་ལྔ་ཡོད་པས་དེ་ལས་སིལ་སྙན་ནི་སྐུ་ཡི་ཕྱག་ཆ་ལགས་ཤིང་རྒྱུ་ཆ་ཡང་རིན་ཆེན་གསེར་དང་དངུལ། ལི་སོགས་བསྲེས་པ་ལས་བྱུང་བའི་གླང་རེ་གཤང་ཆེན་དང༌། ཁྲི་ལོ་གནམ་གྲགས་ཁོལ་མོ་སིལ་སྙན་གྱི་རིགས་གསུམ་དུ་ངེས་ཤིང་དར་ཁྱབ་ཀྱིས་དབང་དུ་བྱས་ན་གཤང་དང་སིལ་སྙན་གཉིས་དར་ཁྱབ་ཆེ་ལ་ཁྲི་ལོ་གནམ་གྲགས་དེ་འདྲའི་དར་ཁྱབ་ཆེ་བཟོ་མི་འདུག  བཟོ་བྱེད་ཀྱི་རྒྱུ་ཆ་རིན་པོ་ཆེ་གསེར་དང་ལི་བསྲེས་པ་ལས་གྲུབ་པའི་རིན་ཆེན་གསེར་གཤང་སེར་པོ་ཞེས་སྒྲ་སྐད་སྦོམ་ལ་ཕོ་སྐད་འབྱུང་བ་དང༌།  རིན་པོ་ཆེ་དངུལ་དང་ལི་བསྲེས་པ་ལས་སྒྲ་སྐད་ཕྲ་ལ་མོ་སྐད་འབྱུང་བ་དངུལ་དཀར་གཤང་ཆུང་ཞེས་སུ་གྲགས་སོ།  ། ཞིབ་ཏུ་ཀློག ཞང་ཞུང་མེས་པོའི་ཐུན་མིན་གྱི་ཕྱག་ཆ་སིལ་སྙན་གླེང་བ།

བོན་བརྒྱ་དགོན་པའི་ཡི་དམ་དབལ་གསས་རྔམ་པའི་སྒྲུབ་ཆེན།

རེབ་གོང་བོན་བརྒྱ་དགོན་པའི་སྟོན་ཡི་དམ་དབལ་གསས་རྔམ་པའི་སྒྲུབ་ཆེན་ལ་བསྔགས་པ་འཇིག་རྟེན་

བརྒྱན་པའི་དབྱངས།

   རྩོམ་པ་པོ། རྩེ་གཡུང་དྲུང་འོད་ཟེར། རྩོམ་ཁུངས། རེབ་གོང་བོན་མང་དྲ་ཚིགས།

25

རིག་འབྱུང་བྱང་ལ་ཆགས་པའི་འོད་ཀྱི་ཞིང་།།

སྨན་རིའི་ཕང་བར་འཛུམ་པའི་མཆོད་ཡུལ་མཆོག།

བཤད་སྒྲུབ་དགའ་ཚལ་རྒྱས་པའི་གཞི་རྐང་དེ།།

གསེར་ལྗོངས་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་།། ཞིབ་ཏུ་ཀློག བོན་བརྒྱ་དགོན་པའི་ཡི་དམ་དབལ་གསས་རྔམ་པའི་སྒྲུབ་ཆེན།