ཝེ་ཁེ་རིག་མཛོད་ནི་རང་དབང་གི་རིག་གནས་ཀུན་བཏུས་དཔེ་མཛོད་ཅིག་ཡིན་ལ་འདི་རུ་མི་སུས་ཀྱང་རྩོམ་སྒྲིག་ཆོག གལ་ཏེ་ཁྱེད་ཀྱིས་བོད་ཡིག་མཁྱེན་ན་ལམ་སེང་རྩོམ་ཡིག་སྤེལ་ཆོག་པ་མ་ཟད་ནང་དུ་ཉར་ཟིན་པའི་རྩོམ་ཡིག་ཐམས་ཅད་བོད་ཡིག་གཉེར་མཁན་ཚང་མར་ཕན་པས་ཝེ་ཁེ་བོད་འགྱུར་མའི་ནང་དུ་ཧུར་བརྩོན་གྱིས་རྩོམ་ཡིག་ཁ་སྣོན་མཛོད་དང་ལས་འདིས་བོད་ཡིག་མི་ཉམས་གོང་འཕེལ་དུ་གཏོང་བར་ཧ་ཅང་དགེ་མཚན་མཆིས་སོ། །
ཝེ་ཁེ་རིག་མཛོད་ནི་ཚིག་མཛོད་ཀྱི་ཁྱད་ཆོས་མངོན་པར་ཕྱུག་པའི་གཟབ་ནན་གྱི་དྲྭ་ཚུགས་ཤིག་ཡིན་ཕྱིར་གནས་འདིར་ཅི་དགར་དུ་མི་སྒེར་གྱི་རྩོམ་ཡིག་ཐ་ཐོར་དང་རང་སྣང་གང་ཤར་གྱི་སྙན་ངག་ལ་སོགས་པ་མི་སྤེལ་བར་མཁྱེན། རྩོམ་ཡིག་ཅི་ལྟར་སྤེལ་བར་རྨོངས་ན་བྱིས་པ་ཁང་དུ་རྩོམ་སྒྲིག་ཚོད་བགམ་གྱིས་དང་། འདིར་གང་འདོད་དུ་ཚོད་ལྟ་བྱེད་ཆོག་ལ་དང་གཞན་རྣམས་ལ་དེ་ལྟར་མི་བྱེད་པར་མཁྱེན།ཡིག་གཟུགས་ཆུང་བའི་གནད་དོན་སེལ་བར་ཐོག་མར་རྩིས་ཐོ་བཀོད་རྗེས་ནང་དུ་ཡིག་གཟུགས་ཆེ་རུ་གཏོང་བྱེད་ཀྱི་codeབཞག་ནས་ཡིག་གཟུགས་ཇེ་ཆེར་གཏོང་ཐུབ། དེ་ལས་འདས་པའི་དཀའ་ངལ་འཕྲད་ན་ རོགས་རམ་ས་བཅད་ལ་གཟིགས་ཤོག
གསལ་བརྡ།
1.རྩོམ་ཡིག་བསྐྲུན་པའི་སྐབས་སུ་ཁ་བྱང་གི་མཐའ་ལ་ཚེག་བཞག་སྟེ་འཐུས་པར་བྱས་ན་ལེགས་པར་འདོད་དེ། རྩོམ་ཡིག་ཅིག་གི་ནང་གི་ཐ་སྙད་ལ་འགྲེལ་པ་རྒྱག་དུས་ཚིག་གི་མཐའ་ལ་མ་གཏོགས་ཤད་མི་འབྱུང་བས། བར་གྱི་ཐ་སྙད་དེ་ཚོར་སྦྲེལ་དུས་ཚེག་མ་གཏོགས་མེད་པར་བརྟེན། ཐ་སྙད་ཀུན་འཚོལ་བདེ་ཕྱིར་ཚེག་གིས་ཤད་ཀྱི་གོ་ཆོད་པར་བྱས་ན་འགྲིག་སྙམ། ནོར་འཁྲུལ་གྱི་དཔེར་བརྗོད།
ལྷ་ས།'ཡང་དག་པའི་དཔེར་བརྗོད། ལྷ་ས་གོང་ལྟར་རྩོམ་ཡིག་བསྐྲུན་པར་སྙིང་ནས་བསྐུལ།
2.རྩོམ་ཡིག་དང་ཡི་གེའི་ནང་བེད་སྤྱོད་པའི་ཨང་གི་ཚང་མ་རྒྱལ་སྤྱིའི་ཨང་ཀི་ཐོག་ནས་བེད་སྤྱད་ན། མིག་སྔར་ལྟ་བདེ་ཞིང་དྲ་ངོས་སྤྱིའི་གྲལ་སྟར་སྒྲིག་པོ་ལའང་ཕན། དཔེར་བརྗོད། ༡༩༨༠ མིན་པར། 1980